[202B] ཨཱརྱ་ཨཱཥྚ་དེ་བི་དྷཱ་རཱ་ཎཱི། བོད་སྐད་དུ། འཕགས་པ་ལྷ་མོ་བརྒྱད་ཀྱི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ ལ་ཕྱག་འཚལ་ལོ། །དེ་ནས་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པའི་ཡུམ་སྡིག་པ་ཐམས་ཅད་བྱང་པར་མཛད་མ། ནད་ཐམས་ཅད་རབ་ཏུ་ཞི་བར་མཛད་མ། བགེགས་ཐམས་ཅད་ རབ་ཏུ་འཇིགས་པར་མཛད་མ། ཕུན་སུམ་ཚོགས་པ་ཐམས་ཅད་མཛད་མ་གཟུངས་སྔགས་ཆེན་མོའི་རྒྱལ་མོ་མཆོག་འདི་གསུངས་སོ། །ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་མུ་ ཁེ་བྷྱ་སརྦ་ཐཱ། ཧེ་བུ་དཧི་མཱ་ཏ་ནི། སརྦ་པཱ་པ་ན་ཤ་ནི། གརྫ་གརྫ། བཧན་ཛ་བཧན་ཛ། མརྡ་མརྡ། ག་མ་རི་ག་མ་རི། ཧ་ས་ཧ་ས། ད་མ་ད་མ། མ་ཐ་མ་ཐ། བི་དཧྭ་ན་ས་ཡ་བི་དཧྭན་ [203A]༄༅། །ས་ཡ༑ སརྦ་ཤ་ཏྲུཾ་ཏ་ར་མ་ཏི། བི་མ་ལེ། པཱུ་ར་ཡ་པཱུ་ར་ཡ། པྲ་ཏི་ཛྙཱ་ན། སརྦ་བུདྡྷ་བརྱུ་བ་སི་ཏི། བྷ་ག་བ་ཏི། ག་ན་ག་ན། ཛ་ཧི་ཛ་ཧི། བི་མ་ས་ནི། ཀྲ་ མ་ཎི་དྷ་བ་ནི་དྷ་བ་ནི་ར་མ་ཎི་མཱ་ཏངྒི་གེ་སཱཧཱ། བཅོམ་ལྡན་འདས་མ་ཡེ་ཤེས་ཆེན་པོར་དབང་བསྐུར་ལྡན་པ་ཞེས་བྱ་བའི་གཟུངས་སོ། །ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་མུ་ ཁེ་བྷྱ་སརྦ་ཐཱ། ཨ་མ་རི། ཨ་མ་རི། ཏ་ཊ། བཧན་ཛ་བཧན་ཛ། ཛྷ་ཛྷ། མི་ཙི་མི་ཙི། སྥོ་ཊ་ཡ་སྥོ་ཊ་ཡ། མ་ཐ་མ་ཐ། དུར་དཱནྟ་ད་མ་ཀ་སཱཧཱ། ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་མུ་ ཁེ་བྷྱ་སརྦ་ཐཱ། ཧེ་ཧེ། ཀི་ན་དེ། སརྦ་ཏ་ཐཱ་ག་ཏ་བྷ་ནེ་ཀེ་བཧོ་དཧི་ན་དད། ཏྲཱ་ཊ་ཏྲཱ་ཊ། ཧཱུཾ་ཧཱུཾ་ཕཊ་ཕཊ། གརྫ་གརྫ། བ་ར་མ་ཏི། བི་ཧཱུ་རི་ཀེ་སཱཧཱ། ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ མུ་ཁེ་བྷྱ་སརྦ་ཐཱ། བྷ་ག་ཝ་ཏི་པྲཛྙཱ་པཱ་ར་མི་ཏེ་ཨ་སརྦ་པཱ་པ་ཀྵ་ཡཾ་ཀ་རི་ཛྙཱ་ན་ཨརྩི་སྥ་ར་ཎི། བཧན་ཛ་བཧན་ཛ། མ་ཐ་མ་ཐ། ད་མ་ད་མ། ཨཱ་ན་ཡ་ཨཱ་ན་ཡ། ས་ར་ས་ར། མཱ་ར་ ཡ་མཱ་ར་ཡ། སརྦ་བུདྡྷ། ཛ་ནི་ཏྲཱ་ཡེ་སཱཧཱ། ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱ་སརྦ་མུ་ཁེ་བྷྱ་སརྦ་ཐཱ། གརྫ་གརྫ་མ་ཐ་མ་ཐ། དྷ་མ་དྷ་མ། བཧན་ཛ་བཧན་ཛ། དུནྟུ་བཧི། སརྦ་ནི་ར་གྷོ་ཥེ་ ཧ་ན་ཧ་ན། བི་དཧྭན་ས་ཡ་བི་དཧྭ་ན་ས་ཡ། མོ་ཊ་ཡ་མོ་ཊ་ཡ་ད་ཧ་ད་ཧ། བི་ཕུ་ལ་ནི་རྨ་ལ་ནིརྫ་ཏེ། ཨཱ་ཧ་ར་ཨཱ་ཧ་ར་གཙྪ་གཙྪ། སརྦ་བུདྡྷ་པརྱུ་བ་སི་ཏི་མ། མ་བི་ལམྦ་ [203B] བཅོམ་ལྡན་འདས་མ་རྡོ་རྗེའི་དབྱིངས་ཀྱི་དབང་ཕྱུག་མ་ཞེས་བྱ་བའི་གཟུངས་སོ། །ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་མུ་ཁེ་བྷྱ། སརྦ་ཐཱ། ཨོཾ་བྷ་བ་ཏི། སརྦ་ཏ་ཐཱ་ག་ཏ་ཛ་ནི་ཀེ་པཱུ་ར་ཡ་ པྲ་ཏི་ཛྙཱ་ན། ཏ་ཊ་ཏ་ཊ། མརྡ་མརྡ། ཨཱ་ཧ་ར་ཨཱ་ཧ་ར་ཧཱུཾ་ཧཱུཾ་ཛ་ཏི་སཱཧཱ། བཅོམ་ལྡན་འདས་མ་སོ་སོར་འབྲང་མ་ཆེན་མོ་ཞེས་བྱ་བའི་གཟུངས་སོ། །ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱ་སརྦ་མུ་ཁེ་བྷ། སརྦ་ ཐཱ༑ ཧཱུཾ་ཧྲཱི་སརྦ་བུདྡྷ་མཱ་ཏི་རི། བཧན་ཛ་བཧན་ཛ། མ་ཐ་མ་ཐ། ད་མ་ནི་ད་མ་ནི། གརྒཱ་རི་གརྒཱ་རི་ཧྲཱི་སཱཧཱ་བཅོམ་ལྡན་འདས་མ་རྡོ་རྗེ་མི་ཕམ་ཞེས་བྱ་བའི་གཟུངས་སོ། །ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱ་ སརྦ་མུ་ཁེ་བྷྱ་སརྦ་ཐཱ། ཏྲཱ་ཏ་ཏྲཱ་ཏ། མུ་ཧུ་མུ་ཧུ་སརྦ་པཱ་པ་བི་ཤོ་དྷ་ནི་སཱཧཱ། བཅོམ་ལྡན་འདས་མ་སྡིག་པ་ཐམས་ཅད་སྤོང་བ་ཞེས་བྱ་བའི་གཟུངས་སོ། །ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་མུ་ཁེ་བྷྱ་ སརྦ་ཐཱ། དྷ་ཀ་དྷ་ཀ། མོ་ཊ་མོ་ཊ། ད་ཧ་ད་ཧ། སརྦ་ཏ་ཐཱ་ག་ཏཱ་ཛྙཱ་ན་ནརྫ་ཏེ་སཱཧཱ། བཅོམ་ལྡན་འདས་མ་གདུལ་དཀའ་མ་ཞེས་བྱ་བའི་གཟུངས་སོ། །ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་མུ་ཁེ་བྷྱ། སརྦ་ཐཱ། ཧ་ ཧ་མི་ཧུ་མི་ཧུ། ད་མ་ད་མ། ཁཱ་ཧི་ཁཱ་ཧི། དཧུ་ན་དཧུ་ན། མི་ཙི་མི་ཙི། དུར་ཏཱནྟ་ན་ད་མ་ནི་སཱཧཱ། བཅོམ་ལྡན་འདས་མ་བདུད་ཐམས་ཅད་རྣམ་པར་འཇོམས་མ་ཞེས་བྱ་བའི་གཟུངས་སོ། །ན་མཿ་ སརྦ་ཏ་ཐ་ག་ཏེ་བྷྱ། སརྦ་མུ་ཁེ་བྷྱ། སརྦ་ཐཱ། མི་ཙི་མི་ཙི། གརྫ་གརྫ། སྤོ་ཊ་ཡ་སྤོ་ཊ་ཡ། མ་ཐ་མ་ཐ། ད་མ་ད་མ་སཱཧཱ། བཅོམ་ལྡན་འདས་མ་སྒོ་མཐའ་ཡས་སྒྲུབ་པ་ཞེས་བྱ་བའི་གཟུངས་ [204A]༄༅། །སོ༑ ༑འཇམ་དཔལ། ཡེ་ཤེས་ཆེན་པོར་དབང་བསྐུར་བའི་དཀྱིལ་འཁོར་འདི་གང་གི་ལག་ན་གནས་པ་དེ་ཉོན་མོངས་པ་དང་བྲལ་བར་འགྱུར། འཇིགས་པ་དང་བྲལ་ བར་འགྱུར། དེ་གལ་ཏེ་ཆོམ་རྐུན་གྱི་ནང་ན་འདུག་གམ། སྲིན་པོའི་ནང་ན་འདུག་གམ། དགྲའི་ནང་ན་འདུག་གམ། འཐབ་པའི་ནང་ན་འདུག་ཀྱང་རུང་སྟེ། དེའི་ལུས་ལ་མཚོན་གྱིས་ མི་ཚུགས་པར་འགྱུར། ཆོམ་རྐུན་གྱིས་ཆོམ་པར་མི་འགྱུར། སྲིན་པོ་ལ་སོགས་པས་གཙེ་བར་མི་འགྱུར། དེ་ལ་དུས་མ་ཡིན་པར་འཆི་བའི་འཇིགས་པ་མི་འབྱུང་བར་འགྱུར་ རྟག་ཏུ་དཔལ་དང་ལྡན་པར་འགྱུར། དེའི་སྡིག་པ་ཐམས་ཅད་ཡོངས་སུ་བྱང་བར་འགྱུར། སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱིས་དགེ་བའི་རྩ་བ་བསགས་པ་ཡང་དེ་ལ་ཉིན་གཅིག་ བཞིན་མངོན་དུ་འགྱུར། འཆི་བའི་དུས་ཀྱི་ཚེ་ཡང་དེ་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་ཟིན་པར་འགྱུར། ཤི་ནས་ཀྱང་བདེ་བ་ཅན་དུ་འགྲོ་བར་འགྱུར་ན་ གང་འཛིན་པ་དང། ཀློག་པ་དང། ཡིད་ལ་བྱེད་པ་དང། མི་གཏོང་བར་འཛིན་པ་ལྟ་ཅི་སྨོས་ཏེ། དེའི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ། །དེ་སང་ན་སོང་གི་སྒོ་རྣམས་བཅད་པར་འགྱུར་ རོ༑ ༑དེས་ངན་སོང་དང་ངན་འགྲོ་རྣམས་རྒྱང་བསྲིངས་པར་འགྱུར་གང་ཞིག་གནང་པར་ལངས་ནས་སུ། །ལན་གཅིག་ཀློག་པར་བྱེད་པའི་མི། །སྲིད་པ་ཉམ་ངར་གང་བྱས་པ། །སྡིག་པ་ཀུན་ [204B] །སྲིན་པོ་ལ་སོགས་ཆོམ་རྐུན་དང། །མཚོན་དང་དགྲ་ཡིས་མི་ཚུགས་ཤིང། །དུས་མིན་འཆི་ལས་རབ་ཏུ་ཐར་།རྟག་ཏུ་དཔལ་དང་ལྡན་པར་འགྱུར། །འཆི་བའི་དུས་ཀྱི་ ཚེ་ན་ཡང། །ངན་འགྲོ་རྣམས་ལས་བསྲིངས་འགྱུར་ཏེ། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ནས། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་སྐད་ཅེས་བཀའ་སྩལ་ནས་ལྷ་དང། མི་དང། ལྷ་མ་ ཡིན་དང། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རང་སྟེ་མངོན་པར་བསྟོད་དོ། །འཕགས་མ་ལྷ་མོ་བརྒྱད་ཀྱི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དཧི་དང། ཞུ་ཆེན་གྱི་ལོ་ ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།།།